22-11-2021 #Spiritual

ཉི་འཛིན་དང་ཟླ་འཛིན་གྱི་སྐོར།

སློབ་དཔོན། ཕྲིན་ལས་བསྟན་འཛིན། | 1300

ྟ༉ སྤྱིར་བཏང་ མཐུན་མོང་དང་མཐུན་མིན་གྱི་ ཉི་འཛིན་དང་ཟླ་འཛིན་གྱི་སྐོར་ལས་ མདོར་བསྡུ་ཅིག་ཞུ་བ་ཅིན་ འདི་གཉིས་གནས་སྟངས་ ག་དེ་སྦེ་འབདཝ་ད་འབྱུངམ་ཨིན་ན་ ཟེར་བ་ཅིན་ ང་བཅས་ར་འཛམ་གླིང་འདི་ ཉིམ་བསྐོར་ར་རྐྱབ་སྟེ་འགྱོ་ནི་དང་ ཟླཝ་འདི་འཛམ་གླིང་ བསྐོར་ར་རྐྱབ་སྟེ་འགྱོཝ་ཨིན། ཟླ་འཛིན་ཟེར་མི་འདི་ ཟླཝ་འདི་འཛམ་གླིང་བསྐོར་ར་རྐྱབ་སྟེ་འགྱོ་བའི་སྐབས་ཉིམ་དང་ འཛམ་གླིང་གི་སྦུག་ ན་ཚུདཔ་ད་ ཟླ་འཛིན་ཟེར་སླབ་དོ་ཡོདཔ་ཨིན། དེ་ལས་འཛམ་གླིང་པད་སྐོར་བགྱིར་འགྱོཝ་ད་ཉིམ་འདི་ ཟླཝ་དང་འཛམ་གླིང་གཉིས་ཀྱི་ སྦུག་ན་ལུ་ཚུདཔ་ད་ ཉི་འཛིན་ཟེར་སླབ་དོ་ཡོད་མི་ལུ་ མ་འདྲཝ་ག་ནི་ཡང་མེདཔ་ཨིན།

ཨིན་རུང་ ང་བཅས་ར་ ནང་ཆོས་ནང་ལས་ དུས་ཚོད་འདི་གི་སྐབས་ལུ་དགེ་བ་དང་ཕན་པའི་ལཱ་ཚུ་འབད་བ་ཅིན་ དགེ་བ་བྱེ་བ་བདུན་འགྱུར་དང་ འབུམ་འགྱུར་སྦེ་འགྱུར་དགོ་མི་འདི་ཡང་ དེའི་སྐབས་སུ་དགེ་སྡིག་སྤང་བླང་སོགས་ དེ་སྦེ་རྩ་ཅན་ཅིག་སྦེ་ བརྩི་དགོ་པའི་རྒྱུ་མཚན་འདི་ ཕྱི་ཁའི་ཟླཝ་དང་ཉིམ་གཉིས་སྒྲིབ་ནི་འདི་ གཙོ་བོ་ར་ རྩ་དབུ་མ་དང་རྐྱང་མ་རོ་མ་གསུམ་བཞག་པའི་སྐབས་སུ་ གཡས་རོ་མ་དཀར་མོ་ གཡོན་རྐྱང་མ་དམར་མོ་ཟེར་ རོ་མའི་རླུང་འདི་ དབུ་མའི་ནང་བཞུགས་པའི་སྐབས་ལུ་ ཟླ་འཛིན་འདི་འབྱུངམ་ཨིན།

རོ་མ་རྐྱང་མའི་ ལས་ཀྱི་རླུང་འདི་ རྩ་དབུ་མའི་ནང་འགྱོ་བའི་དུས་ཚོད་འདི་ལུ་ ཉི་འཛིན་ཟེར་སླབ་ཨིན་པས། དབུ་མ་ཟེར་མི་འདི་ སྤྱིར་བཏང་ཆོས་ཉིད་ཀྱི་རྩ་ཨིན། ང་བཅས་ཀྱི་ལས་ཀྱི་རླུང་འདི་ཚུ་ ཆོས་ཉིད་ཀྱི་རྩ་དབུ་མའི་ནང་ཐིམ་འགྱོ་བ་ཅིན་ ཆོས་ཉིད་བསམ་གྱི་མི་ཁྱབ་པའི་གནས་ལུགས་རྟོག་པའི་བལྟ་བ་ཤར་ནི་ཨིན་མས།

འ་ནི་གི་ དུས་ཚོད་བཟང་པོ་འདི་ལུ་ ང་བཅས་ཚུ་གིས་ཡང་ བསྒོམ་ཉམས་ལེན་འབད་བ་ཅིན་ དགེ་བ་དང་ཕན་ཡོན་ཡོད་པའི་རྒྱུ་མཚན་འདི་ དུས་ ཚོད་བཟང་པོ་འ་ནི་ཨིན་ཟེར་བའི་ལོ་རྒྱུས་ཨིན་མས། ནང་ན་ལུ་འ་ནི་བཟུམ་ཅིག་འབད་བ་ལུ་བརྟེན་ཏེ་ ཕྱི་ཁ་ལུ་ ངོ་མ་འབད་བ་ཅིན་ སྒྲ་ཅན་འཛིན་ཟེར་ སྐརམ་འདི་གི་མགུ་ཏོ་དང་མཇུག་འདི་ ཚོས་གཞི་ཧོནམོ་སྦེ་ཡོདཔ་ཨིན་ཟེར་ཨིན་པས། འ་ནི་གཉིས་འཕྱད་པའི་བསྒང་ལས་མདོག་ འ་ནི་བཟུམ་སྦེ་འཐོནམ་ཨིན་པའི་ལོ་རྒྱུས་ཨིན་པས་ཟེར་ཞུ་ནི་ཨིན། རྩ་རོ་མ་རྐྱང་མ་འདི་ དབུ་མའི་ནང་ན་བཞུགས་པའི་སྐབས་ལུ་ ཕྱི་ཁ་ལུ་ ཟླ་འཛིན་ཉི་འཛིན་འདི་ཤརཝ་ཨིན་པས། འདི་འབདཝ་ལས་བརྟེན་ཏེ་ དགེ་བ་འོང་དགོ་པའི་རྒྱུ་མཚན་འདི་ཨིན་ཟེར་ཞུ་ནི་ཨིན།

Social Media
facebook
Navigation links
Home | Blog | Faculty
Samtse Higher Secondary School
975-5-365622
samtsehss@education.gov.bt
Made in Bhutan